top of page

འཛམ་གླིང་ཀྲུང་མཐུན་བོད་ལུགས་གསོ་རིག་ཆེད་ལས་ཚོགས་པ།

ཕྱི་ལོ་ ༢༠༡༧ བོད་ལུགས་གསོ་རིག་གི་ལུས་སེམས་བདེ་ཐང་སྐོར་གྱི་བགྲོ་གླེང་ཚོགས་འདུ།

བོད་ཀྱི་གསོ་རིག་ལས་ལུས་སེམས་བདེ་ཐང་།
ཐུན་མོང་གི་གསོ་ཐབས་འཚོལ་བ།
ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༦ ༧ །
ཨ་རིའི་མ་སུ་ཆུ་སེ་ཊི་མངའ་སྡེའི་སྦོ་སི་ཊོན་གྲོང་ཁྱེར། ཧར་ཝར་ཌི་གསོ་རིག་སློབ་གླིང་གི་ཇོ་སེ་ཕུ་ མར་ཊིན་གྲོས་ཚོགས་ལྟེ་གནས།
Tibetan Medicine Conference
Anchor 1

གཅིག  ཚོགས་འདུའི་དམིགས་ཡུལ།

______

ཐེངས་འདིའི་ལོ་ཚོགས་ཀྱི་དམིགས་ཡུལ་ནི་འཛམ་གླིང་ཤར་ནུབ་ཀྱི་བོད་གསོ་ཆེད་མཁས་པ་དང་། ཕྱི་གླིང་གསོ་རིག་ཆེད་མཁས། ཚན་རིག་པ་སོགས་མཉམ་འཛོམས་ཀྱིས་ཕན་ཚུན་བར་རིག་གཞུང་བསམ་བློ་བརྗེ་རེས་དང་། ཞིབ་འཇུག་མཉམ་ལས་ལ་སྐུལ་འདེད། བོད་ལུགས་གསོ་རིག་གིས་བདེ་ཐང་ལ་ཐོན་པའི་ནུས་པ་འདོན་སྤེལ། བོད་ལུགས་གསོ་རིག་རྒྱལ་སྤྱི་རང་བཞིན་དུ་འཕེལ་རྒྱས་སུ་འགྲོ་བར་རམ་འདེགས་བྱེད་རྒྱུ་བཅས་ཡིན། ལོ་ཚོགས་སྟེང་འཛམ་གླིང་གི་གྲགས་ཆེན་སློབ་གྲྭ་དང་སྨན་ཁང་ཁག་གི་བོད་ལུགས་སྨན་པ་དང་། ཕྱི་ལུགས་གསོ་རིག་གི་སྨན་པ། ཚན་རིག་པ། ལོ་རྒྱུས་ཞིབ་འཇུག་པ། ཡིག་ཚང་ཞིབ་འཇུག་པ། མིའི་རིགས་པའི་ཞིབ་འཇུག་པ་སོགས་གདན་འདེན་བྱེད་རྒྱུ་དང་། གཞན་བོད་ལུགས་གསོ་རིག་དང་འབྲེལ་བའི་ཞིབ་འཇུག་དང་ལག་ལེན་ལ་སྤྲོ་བ་ཡོད་མཁན་དག་ཀྱང་ཚོགས་འདུར་ཞུགས་ཆོག

ལོ་ཚོགས་འདིའི་ནང་དོན་ལ་བགྲོ་གླེང་ཚོགས་འདུའི་དགོས་དོན་སྒྲོག་སྦྱང་དང་། ཞིབ་འཇུག་གྲུབ་འབྲས་ངོ་སྤྲོད། ཞིབ་འཇུག་པར་རིས་འགྲེམས་སྟོན། ཆེད་བརྗོད་རྩོམ་ཐུང་འགྲེམས་སྤེལ། བརྙན་ཐུང་སྟོན་འབུལ། སྨན་བཅོས་ལག་ལེན་ངོ་སྤྲོད་བྱེད་པ་སོགས་ཡོད། ཚོགས་རའི་ནང་དུ་མི་གྲངས་ལྔ་བརྒྱ་ལྷག་ཤོང་ཐུབ། དམིགས་བསལ་གཏམ་བཤད་མི་སྣ་བཞི་བཅུ་ལྷག་གདན་འདྲེན་ཞུས་ཡོད་ཅིང་། ཚོགས་ཞུགས་མི་སྣས་རང་ཉིད་ཀྱི་བྱ་བའི་འབྲས་བུ་ངོ་སྤྲོད་བྱེད་འདོད་ཡོད་ཚེ་པར་རིས་འགྲེམས་སྟོན་ཀྱི་གོ་སྐབས་ཀྱང་ཡོད།

 

གཉིས།  ཚོགས་འདུའི་བརྗོད་གཞི།

༡། ལུས་སེམས་གཉིས་དང་འབྲེལ་བའི་གསོ་བཅོས་ཀྱི་ལོ་རྒྱུས། གཞུང་ལུགས། ལག་ལེན་ཞིབ་འཇུག་སོགས་ངོ་སྤྲོད།

༢། བོད་ལུགས་གསོ་རིག་ལས་བསྟན་པའི་སེམས་ཁམས་བདེ་ཐང་གི་གཞུང་ལུགས་དང་ལག་ལེན་སྐོར་ངོ་སྤྲོད།

༣། བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གཉིས་ཟུང་སྦྱོར་ཞིབ་འཇུག་དང་ནད་ཐོག་ལག་ལེན་སྐོར་ངོ་སྤྲོད།

༤། དེང་རབས་གསོ་བཅོས་མ་ལག་སྤྱི་དང་འབྲེལ་བའི་ཞིབ་འཇུག་གི་འབྲས་བུ་ངོ་སྤྲོད།

༥། བོད་ལུགས་སྨན་རྫས་ཞིབ་འཇུག་དང་སྨན་སྦྱོར་ནད་ཐོག་ཚོད་ལྟ་ཞིབ་འཇུག

༦། བོད་ལུགས་གསོ་རིག་དང་སྐྱེ་ཁམས་ཁོར་ཡུག་གི་འབྲེལ་བའི་སྐོར།

 

གསུམ།  གཙོ་སྒྲུབ་ལས་ཁུངས།

འཛམ་གླིང་ཀྲུང་མཐུན་བོད་ལུགས་གསོ་རིག་ཆེད་ལས་ཚོགས་པ།

 

བཞི།  འགན་སྒྲུབ་ལས་ཁུངས།

༡། མ་སུ་ཆུ་སེ་ཊི་ ཇེ་ནེར་རལ་སྨན་ཁང་དང་ཧ་ཝར་ཌི་སློབ་ཆེན་གསོ་རིག་སློབ་གླིང་གི་དབང་རྩའི་སྡེ་ཁག་གི་རིགས་རྒྱུན་སྐྱེད་འཕེལ་དང་རྒས་གསོ་ཞིབ་འཇུག་ལྟེ་གནས།

༢། ཧར་ཝར་ཌི་སློབ་ཆེན་ལྷ་རིག་སློབ་གླིང་།

༣། ཀ་ལི་ཧྥོ་ཉི་ཡ་སློབ་ཆེན་སན་ཌེ་ཡེ་གོ་ཁོངས་གཏོགས་སློབ་ཆེན་གྱི་མཐུན་སྦྱོར་གསོ་རིག་ཞིབ་འཇུག་ལྟེ་གནས་དང་ཕུལ་བྱུང་ཟབ་སྦྱོང་ལྟེ་གནས།

༤། ཝི་སི་ཀོན་སིན་སློབ་ཆེན་༼མལ་ཌི་སིན༽གྱི་རིག་གཞུང་སྐད་ཡིག་ལྟེ་གནས།

༥། ཌར་ཐི་མའོ་ཐུ་སློབ་ཆེན་གྱི་མིའི་རིགས་རིག་པའི་སྡེ་ཁག

༦། ཀ་ལི་ཧྥོ་ཉི་ཡ་སློབ་ཆེན་སན་ ཕུ་རན་སེ་སི་ཀོ་ཁོངས་གཏོགས་སློབ་ཆེན་གྱི་མིའི་རིགས་རིག་པ་དང་ལོ་རྒྱུས་། སྤྱི་ཚོགས་གསོ་རིག་སྡེ་ཁག

 

ལྔ།  ཚོགས་འདུའི་རིག་གནས་སློབ་སྟོན་ཚོགས་ཆུང་།

- ཉི་མ་ཚེ་རིང་། དགེ་རྒན་ཆེན་མོ། འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་སློབ་གཙོ། འཛམ་གླིང་ཀྲུང་མཐུན་བོད་ལུགས་གསོ་རིག་ཆེད་ལས་ཚོགས་པའི་མཚན་འཛིན་ཚོགས་གཙོ།

- འཇིགས་མེད་ཕུན་ཚོགས། འབུམ་རམས་སྨན་པ། འཛམ་གླིང་ཀྲུང་མཐུན་བོད་གསོ་རིག་ཆེད་ལས་ཚོགས་པའི་ཚོགས་གཙོ། མཚོ་སྔོན་འཇིགས་མེད་བོད་སྨན་ལས་འཛིན་ལྷན་ཚོགས་ཀྱི་འགོ་གཙོ།

 

- Rudolph Tanzi འབུམ་རམས་པ། ཧར་ཝར་ཌི་སློབ་ཆེན་གསོ་རིག་སློབ་གླིང་གི་དབང་རྩ་སྡེ་ཁག་གི་སློབ་དཔོན་དང་མ་སུ་ཆུ་སེ་ཊི་ ཇེ་ནེར་རལ་སྨན་ཁང་གི་རིགས་རྒྱུན་སྐྱེད་འཕེལ་དང་རྒས་གསོ་ཞིབ་འཇུག་ལྟེ་གནས་ཀྱིའགན་འཛིན།

 

- Janet Gyatso འབུམ་རམས་པ། ཧར་ཝར་ཌི་སློབ་ཆེན་ལྷ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ། གླིང་གཙོ་གཞོན་པ།

 

དྲུག  ཚོགས་འདུའི་ལས་དོན་ཚོགས་ཆུང།

- རིན་ཆེན་དོན་འགྲུབ། འཛམ་གླིང་ཀྲུང་མཐུན་བོད་ལུགས་གསོ་རིག་ཆེད་ལས་ཚོགས་པའི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ།

 

- Paul J. Mills འབུམ་རམས་པ། ཀ་ལི་ཧྥོ་ཉི་ཡ་སློབ་ཆེན་སན་ཌེ་ཡེ་གོ་ཁོངས་གཏོགས་སློབ་ཆེན་གྱི་ཁྱིམ་ཚང་གསོ་རིག་དང་སྤྱི་དམངས་འཕྲོད་བསྟེན་རིག་པའི་སྡེ་ཁག་གི་སློབ་དཔོན་ཆེན་མོ་དང་མཐུན་སྦྱོར་གསོ་རིག་ཞིབ་འཇུག་ལྟེ་གནས་དང་ཕུལ་བྱུང་ཟབ་སྦྱོང་ལྟེ་གནས་ཀྱི་འགན་འཛིན། ཀ་ལི་ཕོར་ཉི་ཡའི་ཀལ་སི་རྦད་ཌི་ས་གནས་ཆོབ་ར་བདེ་ཐང་ཞིབ་འཇིག་ལྟེ་གནས་ཀྱི་འགན་འཛིན།

 

- Vincanne Adams འབུམ་རམས་པ། ཀ་ལི་ཧྥོ་ཉི་ཡ་སློབ་ཆེན་སན་ ཕུ་རན་སེ་སི་ཀོ་ཁོངས་གཏོགས་སློབ་ཆེན་གྱི་མིའི་རིགས་རིག་པ་དང་ལོ་རྒྱུས་། སྤྱི་ཚོགས་གསོ་རིག་སྡེ་ཁག་གི་སློབ་དཔོན་ཆེན་མོ་དང་གླིང་གཙོ་གཞོན་པ།

 

- Sienna Craig འབུམ་རམས་པ། ཌར་ཐི་མའོ་ཐུ་སློབ་ཆེན་གྱི་མིའི་རིགས་རིག་པའི་སྡེ་ཁག་གི་སློབ་དཔོན་ཆེན་མོ་གཞོན་པ།

- Can Zhang  གསོ་རིག་སྨན་པ་དང་འབུམ་རམས་པ། མ་སུ་ཆུ་སེ་ཊི་ ཇེ་ནེར་རལ་སྨན་ཁང་དང་ཧ་ཝར་ཌི་སློབ་ཆེན་གསོ་རིག་སློབ་གླིང་གི་དབང་རྩའི་སྡེ་ཁག་གི་རིགས་རྒྱུན་སྐྱེད་འཕེལ་དང་རྒས་གསོ་ཞིབ་འཇུག་ལྟེ་གནས་ཀྱི་སློབ་དཔོན་ཆེན་མོ་གཞོན་པ།

- ཚེ་རིང་རྣམ་རྒྱལ། འབུམ་རམས་པ། འཛམ་གླིང་ཀྲུང་མཐུན་བོད་ལུགས་གསོ་རིག་ཆེད་ལས་ཚོགས་པའི་དྲུང་ཡིག་གཞོན་པ། མཚོ་སྔོན་མི་རིགས་སློབ་ཆེན་སྨན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ།

- གཡང་འབུམ་རྒྱལ། བོད་སྨན་འབུམ་རམས་པ་དང་སྐམ་ཁབ་རིག་པའི་རབ་འབྱམས་པ། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་༼མལ་ཌི་སིན༽གི་རིག་གཞུང་སྐད་ཡིག་ལྟེ་གནས།

 

བདུན། ཚོགས་འདུའི་གླེང་གཞི།

བོད་ལུགས་གསོ་རིག་གི་ལུས་སེམས་བདེ་ཐང་དང། ལུས་སེམས་གཉིས་ཀྱི་འབྲེལ་བ།

 

བརྒྱད།  རྩོམ་བསྡུའི་ནང་དོན།

བོད་ལུགས་གསོ་རིག་གི་ལུས་སེམས་ཀྱི་རྣམ་བཞག་འཕེལ་རྒྱས་བྱུང་ཚུལ་དང་། གཞུང་ལུགས། ལག་ལེན་སོགས་དང་། བོད་ལུགས་གསོ་རིག་གི་ལུས་སེམས་རྣམ་བཞག་སྐོར་གྱི་ཡིག་བསྒྱུར། བོད་ཕྱི་གསོ་རིག་ཟུང་འབྲེལ། བོད་ལུགས་གསོ་རིག་གི་རིག་གཞུང་ཞིབ་འཇུག བོད་སྨན་གསར་གཏོད་དང་ནད་ཐོག་ཞིབ་འཇུག བོད་སྨན་དང་སྐྱེ་ཁམས་ཁོར་ཡུག་སོགས་དང་འབྲེལ་བའི་དཔྱད་རྩོམ་གང་རུང་ཡིན་ཆོག

 

དགུ།  རིག་གཞུང་བརྗེ་རེས་བྱ་ཐབས།

༡། ཚོགས་འདུར་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་མིང་གྲགས་ཅན་དང་དགེ་རྒན་ཆེན་མོ། ཞིབ་འཇུག་པ་སོགས་གདན་དྲངས་ཏེ་ཚོགས་འདུའི་གླེང་གཞི་དང་འབྲེལ་བའི་གཏམ་བཤད་སྤེལ་རྒྱུ།

༢ དཔྱད་རྩོམ་དང་། སྙན་ཞུ། ལྡེབས་རིས་སོགས་ཀྱི་རྣམ་པས་རིག་གཞུང་བརྗེ་རེས་བྱ་རྒྱུ།

 

བཅུ།  ཚོགས་འདུར་སྤྱོད་པའི་སྐད་ཡིག

ཐེངས་འདིའི་རིག་གཞུང་ལོ་ཚོགས་སུ་དབྱིན་སྐད་ཀྱི་ལམ་ནས་རིག་གཞུང་བགྲོ་གླེང་བྱ་རྒྱུ་ཡིན།

 

བཅུ་གཅིག  ཚོགས་དུས།

༢༠༡༧ ལོའི་ཟླ ༡༠ ཚེས ༦-༧ བར།

 

བཅུ་གཉིས།  ཚོགས་ཡུལ།

ཨ་རིའི་ཧར་ཝར་ཌི་སློབ་ཆེན་གསོ་རིག་སློབ་གླིང་གི་ཇོ་སེ་ཕུ་ མར་ཊིན་ Joseph B. Martin གྲོས་ཚོགས་ལྟེ་གནས།

ཚོགས་རའི་ཁ་བྱང་། ཨ་རིའི་སྦོ་སི་ཊོན་གྲོང་ཁྱེར། ལོ་ཨི་སི་ ཕ་སི་ཊེར་སྲང་ལམ་ཁང་ཨང་ ༧༧ །

Tibetan Medicine Conference
Tibetan Medicine Conference - Specialty Committee of Tibetan Medicine

འཛམ་གླིང་ཀྲུང་མཐུན་བོད་ལུགས་གསོ་རིག་ཆེད་ལས་ཚོགས་པ།

bottom of page